༄༅། །སྨོན་གསོལ་དད་པའི་མཆོད་སྤྲིན།
རྒྱལ་ཀུན་དགྱེས་པའི་སྤྱན་རས་པད་དཀར་མདངས། །གངས་ལྡན་རི་བོ་མཛེས་པའི་དཔལ་དུ་ཤར། །རྗེས་ཆགས་ཞི་བ་ཆེན་པོའི་ཕྱག་རྒྱ་ཡིས། །ཟླུམ་གཟུགས་གོ་ལའི་བདེ་སྡུག་སྙོམས་པོར་སྐྱོར། ། གྲགས་པའི་རྒྱལ་རྔ་གཟུར་གནས་མཁས་པས་བརྡུངས། །སྙན་པའི་བ་དན་མཐའ་དག་སྐྱེ་དགུས་འཕྱར། །ཆེ་བའི་འཕྲིན་ལས་སྲིད་པའི་ཁྱོན་ལས་བརྒལ། །ཐུགས་བསྐྱེད་དམ་བཅའ་མཁའ་དང་མཉམ་པར་བརྡལ། ། གང་གི་གསང་གསུམ་རྟག་པ་