༄༅།།སུམ་ཅུ་པའི་རྩ་བ་བཞུགས་སོ།
༄༅་། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། གང་ལ་ཡོན་ཏན་མཆོག་མངའ་བའི། དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། གང་གིས་སྒྲ་དབྱངས་ཀུན་གསུང་བའི། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། གང་གིས་མིང་གཞི་སྔོན་གསུངས་པ། རྟག་ཞི་བ་ལ་ཕྱག་འཚལ་ལོ། སྡེབ་སྦྱོར་ལེགས་མཛད་མཁས་ར