བོད་ནས་གསར་དུ་འབྱོར་པ་རྣམས་ལ་སྩལ་པའི་བཀའ་སློབ།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས ༣༠ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནས་གསར་དུ་ཕེབས་མཁན་རྣམས་ལ་བྱང་སྡོམ་གནང་སྐབས། “སེམས་བསྐྱེད་འདོན་རྒྱུ་ཡིན། དེ་ལ་འདིར་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ཡོད་པ་འདིར་སྟོན་པ་ཐུབ་པའི་དབང་པོ་སྐུ་དངོས་སུ་ཡོད་བསམ་པ་བྱེད་དགོས་ལ། སྟོན་པ་ཐུབ་པའི་དབང་པོའི་མཐའ་སྐོར་དུ་བྱམས་པ་འཇམ་དབྱངས་ལ་སོགས་པའི་ཉེ་བའི་སྲས་ཆེན་