༄༅།།ཞབས་བརྟན་སྨོན་ཚིག་འགྱུར་མེད་ཚེ་ཡི་རང་གདངས།
དབྱིངས་རིག་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ།།རྡུལ་དང་སྐད་ཅིག་ལས་འདས་རྟག་པའི་ཁམས།།རྣམ་མེད་རྣམ་ཀུན་དུས་ཀྱི་འཁོར་ལོ་ཡིས།།ཟག་བྲལ་དགེ་ལེགས་ཆར་དུ་བསྙིལ་བར་མཛོད།། གང་གི་མཚན་ཙམ་བསྙེན་པས་འཆི་བདག་དཔུང་།།དབང་མེད་འདུད་འགྱུར་ཚེ་ཡི་ལྷ་ཚོགས་ཀྱིས།།དམ་པ་གང་གི་གསང་གསུམ་ཡོན་ཏན་ཁམས།།ཚེ་ཡི་རིག་འཛིན་བརྙེས་པའི་བྱིན་ཆེན་ཕོབས།། རྣམ་འདྲེན་བཞི་བའི་ལུང་རྟོགས་བསྟན་པའི་ག