Day: ཟླ་བཞི་བ། 14, 2021

རྗེ་བཙུན་ཏཱ་ར་ནཱ་ཐའི་ལྟུང་བཤགས་ཀྱི་འགྲེལ་བ།

གཉིས་པ་སྟོབས་བཞིའི་བསྡུ་ཚུལ་འཆད་ཚུལ་ལ། འཆད་ཚུལ་མི་འདྲ་བ་མང་དུ་སྣང་ཡང༌། བསྡུས་པའི་དོན་འདི་ལྟར་བྱ་སྟེ། བཤགས་པ་དངོས་དང༌། བཤགས་པའི་ཡན་ལག་སྟོབས་བཞི་བཤད་པའོ། །དང་པོ་ནི། སྡིག་པ་མི་དགེ་བའི་ལས་ཞེས་པ་ནས། འཇུག་པ་ལ་རྗེས་སུ་ཡི་རང་བའམ་ཞེས་པའི་བར་དང༌། དེ་དག་གི་སྤྱན་སྔར་སོགས་དང༌། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ་ཞེས་པའོ། །གཉིས་པ་ལ་རྟེན་གྱི་སྟོབས། གཉེན་པོ་