བོད་རབ་གནས་ལྕགས་མོ་གླང་གི་ལོའི་བོད་ཟླ་ ༣ ཚེས་ ༢༤-༢༥ དང་། ཕྱི་ལོ། ༢༠༢༡ ལོའི་ཟླ་ ༥ ཚེས་ ༥-༦ གཉིས་ལ། གངས་ལྗོངས་རིས་མེད་རྒྱལ་བསྟན་མཐོ་རིམ་བགྲོ་གླེང་ཆེན་མོ་ཐེངས་དང་པོ། མགོ་ལོག་ཇོ་ནང་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ། དགོན་བདག་རྒྱ་སྤྲུལ་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་འཛིན་མཆོག་དང་། ཚོགས་གཙོ་ངེས་དོན་སྨྲ་བའི་དབང་ཕྱུག་དགེ་བཤེས་དངོས་གྲུབ་དཔལ་དང་། ཚོགས་གཞོན་སྤྲུལ་འཇམ་དབྱངས་སྦྱིན་པ་མཆོག་དང་། གཞན་ཡང་ཆོས་བརྒྱུད་རིས་སུ་མ་མཆིས་པའི་མཁན་སྤྲུལ་ལུང་རིགས་སྡེ་སྣོད་འཛིན་པ་མང་པོ་ཐུགས་མཐུན་དག་སྣང་གི་འོད་སྣང་འཕྲོ་བཞིན་གདན་འཛོམས་ནས་དབུ་འདུལ་གཙོ་བོར་གྱུར་བའི་གཞུང་ཆེན་གྱི་བགྲོ་གླེང་ཆེན་མོ་བཀྲ་ཤིས་བདེ་ལེགས་ངང་འཇུག་ལེགས་པར་གྲུབ།
第一届雪域无偏佛教高级研讨大法会
这次法会参加的 格鲁派 宁玛派 萨迦派 噶举派 觉囊派 等等还有好多寺院的金刚上师和许多高僧大德格西堪布参加此次法会圆满结束
The First Debate Among All Sects of Tibetan Buddhist Traditions.
From 5th-6th May 2021. 24th -25th March of Iron Ox Year of Tibetan Calendar, the first debate among all sect of Tibetan Buddhist tradition held at Golok Akyong Monastery, Tulku Ngawang Tenzin (the owner of Monastery), Geshe Nogdup Pal ( president), Tulku Jamyang Jimpa (vice president) and other Khenpos and Tulkus were attended. The Debating made on Mādhyamika and Sutra were ended successfully.