མདོ་སྨད་ཤར་འཛམ་ཐང་གཙང་བ་དགོན་ཆེན་གྱི་མཐའ་བྲལ་གཞན་སྟོང་དབུ་མའི་དམ་བཅའ་ནི། ལོ་རེའི་ནག་པ་ཟླ་བའི་ཚེས་བཅོ་བརྒྱད་ནས་དབུ་འཛིན་ཏེ་ཉིན་གསུམ་གྱི་རིང་ལ་འཚོགས་བཞིན་ཡོད་ལ། དེ་ཡང་ཇོ་ནང་རྗེ་བཙུན་བླ་མ་རྣམ་གསུམ་གྱི་མཛད་པའི་གཞུང་ཆེན་བཞི་སྟེ། རྒྱལ་བའི་ལུང་གིས་ཡང་ཡང་བསྔགས་པ་རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་དང་རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར། འཇམ་མགོན་བླ་མ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་དབུ་མ་རྩ་འགྲེལ། སྐྱབས་མགོན་མ་ཏི་ཀིརྟིའམ་ངག་དབང་བློ་གྲོས་གྲགས་པས་མཛད་པའི་གཞན་སྟོང་འཇིགས་མེད་གདོང་ལྔའི་ང་རོ་སྟེ་གཞུང་ཆེན་བཞིའི་སྟེང་ནས། ཆོས་བརྒྱུད་ཆེན་མོ་དྲུག་སྟེ། རྙིང་མ། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལྡན། བོན་པོ་བཅས་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཀའ་རམ་འབྱམས་དགེ་བའི་བཤེས་གཉེན་དུ་མའི་མདུན་དུ་ལོ་སྔོན་མ་ལྟར་ད་ལོར་ཡང་༢༠༢༡ལོའི་མཐའ་བྲལ་གཞན་སྟོང་དབུ་མའི་དམ་བཅའ་ཐེངས་ལྔ་བ་འཚོགས་ཏེ་ལེགས་པར་གྲོལ།
The debate on Other Emptiness will be held in the Zamtang Tsangwa Monastery in eastern Tibet, The debate is taken place on 18th of 2nd Month of Tibetan calendar in every year. The speakers and participants would be from six lineages of Tibetan Buddhism, Nyingma, Kagyu, Syaka, Gelug, Jonang and Bon, the topics for debate are confirmed on <> by Dolpopa, <>by Taranatha, and << The fearless Shentong>> by Nagwang Ludak. The fifth debate on Other Emptiness was successfully completed in 2021.