༄༅། །གཞན་སྟོང་དབུ་མ་ཆེན་མོའི་དྲིས་ལན་འོད་དཀར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ་བཞུགས།
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཐར་འདོད་ཤེས་ལྡན་དོན་གཉེར་ཀུན། །གྲུབ་མཐའ་གྲགས་པའི་རྗེས་འབྲང་དང༌། །ཞེན་ཕྱོགས་འཛིན་པའི་རབ་རིབ་ཀུན། །བསལ་ཏེ་ཆོས་ལ་འཇུག་པར་རིགས། ། དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་སེ་ར་ཐེག་ཆེན་གླིང་གི་སེར་བྱེས་ལྷ་རམས་པ་དགེ་བཤེས་ངག་དབང་སྟོབས་ལྡན་ལགས་ཀྱིས་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། སངས་རྒྱས་ཀྱི་བསྟན་པའི་ཉིང་བ