༄༅། །ཡ་རབས་སློབ་མའི་བསླབ་བྱ་བློ་གསལ་དགའ་བའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།
༼ ༡ ༽འཇམ་མགོན་བླ་མར་གུས་བཏུད་ནས།།བློ་གསལ་སློབ་མའི་བསླབ་བྱ་སྤེལ།།འཇིག་རྟེན་ཁམས་ཀྱི་བསམ་སྤྱོད་ཀུན།།ཡ་རབས་མ་རབས་གཉིས་སུ་འདུ།། ༼ ༢ ༽ཡ་རབས་སྤྱོད་པས་འདི་ཕྱིར་བདེ།།མ་རབས་སྤྱོད་པས་རང་གཞན་འཕུང་།།ཡ་རབས་ཆུང་ངུ་མིའི་ལུགས་དང་།།ཆེན་པོ་དམ་པའི་ལྷ་ལུགས་ཡིན།། ༼ ༣ ༽ཡ་རབས་བསམ་བཟང་སྤྱོད་གཙང་ལ།།ཁྲིད་པ་དགེ་བའི་བཤེས་དང་གྲོགས།།མ་རབས་བསམ་ངན་འཆལ་སྤྱོད་ལ།།བསླུ་བྲིད་