༄༅། །ཇོ་ནང་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་ཀུན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
རྩོམ་པ་པོ། མཁན་ཆེན་ངག་དབང་ཤེས་རབ་དཔལ། ༀ་བདེ་ལེགས་སུ་གྱུར་ཅིག །རྨད་བྱུང་ཐུགས་སྐྱེད་དམ་བཅའ་ལྔ་ཕྲག་བརྒྱ་ཡི་ཀློང་ཆེན་པོར། །གྲངས་མེད་བསྐལ་བར་བརྩོན་པ་དྲག་པོས་བསྲུངས་པ་ལས་འོང་པའི། །སྤངས་དང་རྟོགས་པའི་ཡོན་ཏན་དཀྱིལ་འཁོར་ཀུན་ནས་ཡོངས་རྫོགས་པ། །ལྷ་ཡི་ལྷ་མཆོག་ཐུབ་དབང་སྨྲ་བའི་ཟླ་བ་གཙུག་ན་རྒྱལ། ། སྦས་དོན་གསལ་མཛད་རྒྱལ་བ་མི་ཕམ་མགོན། །ཤིང་རྟ་ཆེན་པོ་ཀླུ་སྒྲུ