བདག་མེད་གཉིས་ལ་དཔྱད་པ་རྫོགས་ལྡན་ཆོས་མཆོག་གི་ལུགས་སུ་བྱས་པ།
བསེ་རྡོ་རྗེ། རྟོན་པ་བཞི་ལྡན་ཀུན་མཁྱེན་དོལ་པོ་པ། ། ཤེས་རབ་རྒྱལ་མཚན་དཔལ་གྱི་ཞབས་ལ་འདུད། ། འཁྲུལ་བ་འཁོར་བའི་རྩ་བ་བདག་འཛིན་གཉིས། ། གཞོམས་མཛད་ཤེས་རབ་སྐྱེ་བར་བྱིན་གྱིས་རློབས། ། དེ་ཡང་ཇི་སྐད་དུ། སྙིང་རྗེ་པད་མ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་གྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཐོང་སྨྲེ་སྔགས་མ