
༄༅། །དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་དད་ལྡན་མི་མང་ཡོངས་ལ།
ཆེད་དུ་ཞུ་གསོལ།
མཁྱེན་གསལ་ལྟར་སྔོན་ཆད་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅོ་ལྔ་པའི་བར་འཚོགས་རྒྱུའི་བསྐལ་བཟང་ཤར་ཡོད་ན་ཡང་། འདས་པའི་ལོ་ཤས་རིང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་དབང་གིས་གནས་མཆོག་རྡོ་རྗེ་གདན་དུ་ཇོ་ནང་སྨོན་ལམ་ཆེན་མོ་འཚོགས་རྒྱུ་བྱུང་མེད་མོད། ད་སྐབས་རིམས་ནད་ཀྱི་གནས་སྟངས་གང་འཚམས་རྒྱུན་ལྡན་ལྟར་ཆགས་ཡོད་པ་དང་། ལོ་འདིར་ཀུན་མཁྱེན་དོལ་པོ་སངས་རྒྱས་སྐུ་ཞི་བར་གཤེགས་ནས་ལོ་ ༦༦༠ འགོར་བའི་དུས་དྲན་དང་སྟབས་བསྟུན། སྐབས་བབ་གོ་སྒྲིག་པ་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་གིས་ཐུགས་འགན་ཆེ་བཞེས་ཐོག ཕྱི་ལོ་༢༠༢༢ ཟླ ༡༢ ཚེས་ ༡༩ ནས་ ༢༡ བར་ཉིན་གསུམ་གྱི་རིང་མཆོད་རྟེན་གྱི་ལྷོ་ཕྱོགས་སུ་ཇོ་ནང་སྨོན་ལམ་ཆེན་མོ་འཚོགས་རྒྱུ་གཏན་ཁེལ་བྱུང་ཡོད་པས་རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་ཡོངས་ཀྱིས་ཐུགས་མངའ་ཡོང་བར་མཁྱེན་མཁྱེན་ཞུ་རྒྱུ་དང་། འཚོགས་དུས་འགྱུར་བ་བྱུང་ན་དུས་ལྟར་བརྡ་ཁྱབ་སྐབས་འཕྲལ་འབུལ་ཆོག་པར་ཞུ་ལགས།
རྡོར་གདན་ཇོ་ནང་སྨོན་ལམ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༢ ཟླ ༡༠ ཚེས ༩ ཉིན་གུས་པས་ཕུལ།
One Response
མདོ་སྔགས་རབས་འབྱམས་པ་མགོ་ལོག་བློས་གྲགས་། ཕྱི་ལོ་༡༩༧༤/༠༧/༡༦/
མགོ་ལོག་དགའ་བདེ་རྫོང་་། ཁྱི་འབྲི་བདེ་གཞུང་། གླིང་རྟེན་འབྲེལ་ཕྱུག་མོའི་ནང་་། ཕ་དམ་པ་སྟོབས་རྒྱལ་དང་། མ་སྒྲོལ་དཀར་གཉིས་སུ་སྐྱེས།
ད་ལྟ་གཞུགས་ཡུལ་ཡོ་རུབ་རྒྱལ་ཁབ་Sweden ལ་གནས་བཞུགས་བྱེད་ཡོད། བརྩམས་ཆོས་ནི། གཤོངས་སྐོར་རུས་མཛོད་ཀུ་མུད་ཆུ་གཏེར་ཞེས་པའི་དེབ་འཕྲེང་དང་པོ་ཡིན།།