Day: ཟླ་བཅུ་གཉིས་པ། 2, 2022

༄༅། །ཀུན་མཁྱེན་སྟོན་པ་བཞི་ལྡན་ལ་དཔེ་རྒྱན་སོ་གཉིས་ཀྱིས་སྒོ་ནས་བསྟོད་ཚིག་འབུལ་བ་དད་པའི་ཕྲེང་བ་ཞེས་བྱ་བཞུགས། རྩོམ་པ་པོ་གྱེན་ལ་མཁན་རབ་ལྡན།

རིགས་རང་བཞིན་བརྗོད་པ། ༡ཆོས་དང་ཆོས་ཉིད་ཡིན་ལུགས་ལག་མཐིལ་དུ། །སྐྱུ་རུའི་འབྲས་བུ་བཞག་ལྟར་མཆོག་གཟིགས་པའི། །མ་འབད་ཀུན་གྱིས་ཀུན་མཁྱེན་ཞེས་བསྒྲགས་པའི། །ངེས་དོན་རྒྱལ་མཚན་བསྒྲེངས་མཁས་ཁྱེད་མིན་སུ། ། ཡོན་ཏན་རང་བཞིན་བརྗོད་པ། ༢མཐོང་དང་ཐོས་དྲན་ཙམ་གྱིས་འགྲོ་ཀུན་གྱིས། །ནད་གདོན་བགེགས་སེལ་མ་ལུས་ཀུན་ཞི་ཞིང་། །གསུང་གཅིག་རེ་རེའི་འགྲོ་ཀུན་འདྲེན་མཛད་པའི། །དགོས་