རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་འཁྲུངས་གཞིས་སུ་མཇལ་བ།
༄༅།།རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་(༡༥༧༥-༡༦༣༥)དེ་ཉིད་ཀྱི་འཁྲུངས་གཞིས་ནི་ཇོ་མོ་ཁ་རག་གི་ཉེ་འདབས་འབྲང་ཕུ་ཞེས་འབོད་པའི་ལུང་པར་ཡོད་པའི་ཆོས་འཁོར་ལྡིངས་དགོན་གནས་དེར་ཡིན་པ། རྗེ་བཙུན་རང་རྣམ་དུ་འབྲང་ཞེས་བྱ་བའི་ཡུལ་གྲོང་ཁྱེར་གྱི་བཀོད་པ་ཡིད་དུ་འོང་བས་བརྒྱན་པ། བཟའ་ཤིང་གི་རྭ་བའི་སྐྱེད་ཚལ་དུ་མས་རྣམ་པར་ཁྱབ་པ། རི་བོ་སྨན་ལྗོངས་ཉམས་དགའ་བ་དུ་མ་དང༌། ཚལ་སྣ་