༄༅། །ཐེག་ཆེན་སེམས་བསྐྱེད་རྒྱུ་འབྲས་མན་ངག་བདུན་གྱི་སྒོམ་པའི་རིམ་ པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
མཛད་པ་པོ། ༧དགེ་བཤེས་དངོས་གྲུབ་དཔལ། འགྲོ་རྣམས་གཏན་བདེ་མ་ལུས་འབྱུང་བའི་གཞི། །རྒྱལ་ཀུན་གསང་གསུམ་ཡོན་ཏན་ཀུན་གྱི་གཏེར། །མ་རིག་མུན་པ་སེལ་བའི་འོད་བརྒྱ་བ། །བྱང་ཆུབ་སེམས་བསྐྱེད་མཆོག་ལ་གུས་པས་འདུད། ། དེ་ལ་འདིར་ཕྱོགས་བཅུའི་སངས་རྒྱས་མ་ལུས་པའི་གཤེགས་ཤུལ་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་པའི་ཐབས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་ཐེ