༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །
ལྔ་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། དེ་ནས་མི་རིང་བར་དུས་ཆེན་ཡང་ཚུགས། དེ་གྲོལ་ནས། {ཆེན་མོ་སོགས་ཀྱི་དགེ་མཚན་ཡང་མཐོང་ཞིང་།} དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྡོ་རིངས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ། སྒྲོལ་དཀར་གྱི་རྗེས་གནང་ཐོག་མའི་རྟེན་འབྲེལ་དུ་ཞུས། སླར་གཤེད་དམར་ལྷ་ལྔའི་དབང་ཞུས། དེ་དུས་དབང་ཞུ་བའི་འདུན་པ་དང་བླ་མ་ལྷར་བསྒོམས་པ་སོགས་གསལ