༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །
བརྒྱད་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། མཚངས(མཚམས)འགྲོལ་འཕྲལ་ལ་ཉེ་སྐོར་གྱི་ཡུལ་མི་རྣམས་ལ་ཁྲོམ་དབང་ཚེ་དབང་ཞིག་བྱས། འཁོར་ལོ་བདེ་མཆོག་གི་ཐང་ཀ་དང་དཔེ་སྟེར་མཁན་བྱུང་བ་ལ་ཉེ་བཟང་ཁྲི་སྣར་གཉིས་ནས་འབོད་མི་ནན་ཅན་བྱུང་བ་ལྟར་ཁོར་རེ་ཙམ་རེ་ཕྱིན། ཚུར་ལམ་ཁྲི་ཁང་ནས་སྨན་ལུང་དུ་ཞག་གཅིག་བསྡད། ནཱ་རོ་པའི་ཕྱག་དྲིལ་དང་ཐུགས་དམ་དགྱེས་རྡོར་གྱི་དཀྱིལ་ཐང་མཇལ། གསོལ་བ་བཏ