དཔེ་ཀློག་ལ་སྤྲོ་བའི་མི་རིགས་ལ་ད་གཟོད་རེ་བ་ཡོད།

དཔེ་ཀློག་ལ་སྤྲོ་བའི་མི་རིགས་ལ་ད་གཟོད་རེ་བ་ཡོད།

ཡ་ཧུ་དཱ་བའི་མི་རིགས་ནི་འཛམ་བུ་གླིང་གི་ཆེས་རླབས་ཆེ་བའི་མི་རིགས་ལ་ངོས་བཟུང་ཆོག་ལ། རྒྱུ་མཚན་ནི་འཛམ་བུ་གླིང་གི་སྤྱིའི་མི་གྲངས་ལས་0.2%ལས་ཟིན་མེད་ཀྱང་། ནོར་སྦེར་བྱ་དགའ་ཐོབ་གྲངས་ཀྱི་ཁྲོད་དུ29%ཟིན་ཡོད་པ་རེད། ཁོ་ཚོས་བློ་ཁོག་ལས་མིའི་རིགས་ལ་ཕུལ་དུ་ཕྱིན་པའི (དམ་པའི་གསུང་རབ) འཁྲུངས་ལ། ལས་རིགས་ཁག་སོ་སོ་ནས་མི་སྣ་གྲགས་ཅན་མང་པོ་སྐར་ཚོམ་བཞིན་བྱོན་མྱོང་བ་རེད། རྒྱུ་རྐྱེན་གང་མང་གི་དབང་གིས་འཛམ་བུ་གླིང་གི་གྲུ་ག་སོ་སོར་ལོ་ཉིས་སྟོང་ལྷག་ལ་གྱར་དགོས་བྱུང་ལ། སྐད་རིགས་ཀྱང་བོར་བརླག་ཐེབས་པ་རེད། ཡིན་ནའང་། མཐའ་མར་རྐྱེན་ངན་གྲོགས་ཤར་གྱིས་སྐད་རིགས༨༥ལ་ནང་བྱན་ཆུད་པ་མ་ཟད། རང་ཉིད་ཀྱི་བོར་ཟིན་པའི་ཕ་སྐད་སླར་གསོ་མཛད་པ་ཡིན། ད་དུང་རྒྱལ་ཁབ༡༡༥ནས་བུ་ཚ་དག་རིམ་གྱིས་ཨི་སི་རལ་ལ་འཛོམས་ནས་རྒྱལ་ཁབ་བཙུགས་པ་རེད་ལ། སྐབས་དེའི་མི་རབས་ཀྱིས་དམག་འཁྲུག་གི་ཡོ་ལང་ཁྲོད་ནས་དེང་གི་སྟོབས་འབྱོར་རྒྱས་པའི་རྒྱལ་ཁབ་དང་། ལྟ་གྲུབ་ལྷན་འདུས་ཀྱི་ཆོས་ལུགས། སྲོལ་རྒྱུན་གྱི་དེང་རབས་དམངས་གཙོའི་སྤྱི་ཚོགས་སོགས་གསར་དུ་བཙུགས་པ་རེད།

ཨི་སི་རལ་ལ་དཔེ་མཛོད་ཁང་སྟོང་ཕྲག་གཅིག་ཡོད་ཅིང་། ཆ་སྙོམས་བྱས་ན་མི་བཞི་སྟོང་ལྔ་བརྒྱ་ལ་དཔེ་མཛོད་ཁང་རེ་ཡོད་པ་རེད། མི་གྲངས་ཁྲི༤༥༠ལས་མེད་པའི་ཨི་སི་རལ་གྱི་མི་ཁྲི༡༠༠ལྷག་གིས་དཔེ་མཛོད་ཁང་གི་གཡར་འཛིན་བྱང་བུ་ཉོས་ཡོད་ལ། དཔེ་མཛོད་ཁང་དང་། དཔེ་སྐྲུན་ཁང་། དཔེ་ཀློག་གྲངས་ཀའི་སྟེང་ནས་ཨི་སི་རལ་རྒྱལ་ཁབ་ནི་འཛམ་གླིང་གི་ཡང་རྩེ་ཟིན་ཡོད་ལ། འཛམ་བུ་གླིང་གི་ལོ་རེའི་དཔེ་ཀློག་གི་ཟིན་ཐོ་ལས་ཨང་དང་པོ་ནི་ཡ་ཧུ་དཱ་བའི་མི་རིགས་ཡིན། ཁོ་ཚོའི་ལོ་རེར་མི་རེས་ཆ་སྙོམས་ཀྱིས་དཔེ་ཆ༦༤ཀློག་གིན་ཡོད་ཅིང་། དེ་མཚུངས་ཀྱིས་གཤིབ་ན་རྒྱ་ནག་གི་མི་གྲངས་དུང་ཕྱུར༡༣གྱིས་སློབ་དེབ་ཚུན་ནས་ལོ་རེར་དཔེ་ཆ་གཅིག་རེ་ཡང་ཀློག་གིན་ཡོད་མེད་ཀྱི་ཚད་ཡིན། མཁས་པ་ཞིག་གིས་གསུང་རྒྱུར། “མི་ཞིག་གི་བསམ་བློ་ཡར་རྒྱས་ཕྱིན་ཡོད་མེད་ནི་མི་དེའི་དཔེ་ཆ་ག་ཙམ་བཀླག་ཡོད་མིན་ལ་ཐུག་ཡོད་ལ། མི་རིགས་ཤིག་གི་བསམ་བློའི་དཀྱིལ་འཁོར་ལ་ཚད་གཞལ་སྐབས་ཁྱབ་ཆེ་ས་ནས་མི་རིགས་དེའི་དཔེ་ཀློག་གི་སྤུས་ཀ་ལ་ཚད་འཇལ་དགོས་ཡོད”ཅེས་དང་། “རྒྱལ་ཁབ་ཅིག་གི་མ་འོངས་པ་ནི་མི་རབས་དེའི་དཔེ་ཆ་ཀློག་མིན་དང་། དཔེ་ཆ་གང་ཞིག་ཀློག་མིན་སྟེང་ནས་མངོན་ཐུབ། ” ཅེས་ཟེར། ཡང་མི་ཞིག་གིས་དབུགས་རིང་འཐེན་བཞིན། “དེང་སྐབས་ཡིག་ངོ་ཟིན་པའི་མི་མང་ཡང་། དཔེ་ཆ་ཀློག་པའི་མི་དཀོན་ནོ”ཞེས་ཡང་ཟེར། མདོར་དྲིལ་ན། དཔེ་ཆ་ཀློག་རྒྱུར་མི་དགའ་བའི་མི་རིགས་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་ལ། དཔེ་ཆ་ཀློག་རྒྱུར་མི་དགའ་བའི་མི་རིགས་དེ་ལ་རེ་བ་ཞིག་རྩ་བ་ནས་མེད་དོ། །

ནང་དོན་ཡོངས་ཁུངས། རྨུ་ཐག་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།