གཞན་སྟོང་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། ༄༅། ཨོཾ་སྭ་སྟི། འདིར་ཐེག་པ་ཆེན་པོ་ངེས་དོན་གྱི་དབུ་མའི་ངོ་བོ་ངོས་གཟུང་བར་བྱ་སྟེ། གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ་དང༌། དབུ་མའི་རྣམ་གཞག་ངོས་གཟུང་བ་དང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ།། དང་པོ། གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ། དང་པོ་ནི། གཞན་སྡེ་མུ་སྟེགས་བྱེད་ཀྱི་ལྟ་གྲུབ་ནི་ཐར་བའི་ལམ་དང་འབྲལ་བ་ཡིན་ལ། རང་སྡེ