Category: མི་སྣ།

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

བཅོ་ལྔ་པ། མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། འདི་སྐབས་དགེ་གྲོང་གི་ཕྱེད་ཀ་འཕྲོས་མ་གཏིང་སྐྱེས་ཀྱི་ཕྱག་ན་ཡོད་པ་དེ་ཡང་ཆོས་གཞིས་སུ་སྦྱོར་འཇགས་གནང་བྱུང༌། ལམ་འབྲས་ཀྱི་ཁྲིད་གྲོལ་ནས། གམ་པ་ནས་རབ་འབྱམས་པ་ལེགས་བཤད་འབོད་མིར་གནང་བྱུང་བ་བཞིན་ཕྱིན། ཞག་བདུན་ཙམ་བསྡད་ཅིང་། ནག་པོ་པའི་དབང་བསྐུར་ཞིག་དང༌། གཞན་ཚེ་བཀའ་རྗེས་གནང་སོགས་དགོངས་བཞེད་ལྟར་ཕུལ། དགེ་གྲོང་ཀོལ་ཆུ་

༄༅། །སྐྱབས་རྗེ་༸ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གི་མཛད་རྣམ་སྙིང་བསྡུས།

༄༅། །འཕགས་པའི་ཡུལ་དུ་གནས་བརྟན་བ་ཀུ་ལའི། །སྤྲུལ་བའི་སྐུ་མཆོག་མཚལ་མིན་བསོད་ནམས་བཟང་། །ཀུན་མཁྱེན་ཆེན་པོའི་དགོངས་བརྒྱུད་གཅེས་འཛིན་པ། །མཁན་སྤྲུལ་ཆོས་ཀྱི་སྣང་བའི་ཞབས་ལ་འདུད།། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག་ནི། བོད་མདོ་སྨད་ཁུངས་སུ་ཡབ་ངག་སྦྱིན་རྡོ་རྗེ་དང་ཡུམ་ལྷ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་ ༡༧ པའི་བགྲང་བྱ་ ༣༧ པ་ཆུ

༧ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས།

 མཁན་ཀུན་དགའ་ཚོགས་མཆོག     འབྲོག་དགེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་བའི་ལྕགས་མོ་གླང་གི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ། ཕྱི་ལོ 1901 ལོར་རྔ་ལྗོངས་སྨད་ཀྱི་ཆོས་སྡེ་འབྲོག་དགེ་བསམ་འགྲུབ་གླིང་གི་ཉི་མ་ལྷ་ཁང་ཞེས་པའི་བདེ་ཡངས་སུ། ཡབ་སྐལ་བཟང་རྒྱལ་དང་། གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་ཞེས་རྭ་ཆེན་རྡོ་རྗེ་གྲགས་ནས་མཁས་གྲུབ་ཚར་དུ

༄༅། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར།

དེ་ནས་འཕགས་པ་ས་ཡི་སྙིང་པོའི་སྤྲུལ་པ། ཕྱོགས་ལས་རྣམ་རྒྱལ་གྱི་འཁྲུངས་ཡུལ་ནི་མངའ་རིས། ཡབ་སྦྱིན་པ་དཔལ། ཡུམ་ཏིང་འཛིན་སྒྲོལ་མ་ཞེས་བྱ་བ་དབེན་པ་ཉམས་དགའ་བའི་ནགས་ཚུལ་དུ། མེ་ཕོ་རྟའི་ལོ་ས་ག་ལ་སྐུ་བལྟམས་སོ། །དེའི་ཚེ་ན་བྱ་སྣ་ཚོགས་པས་བསུས་ནས་སྐད་སྙན་པ་སྒྲོགས་ཤིང་འཇའ་འོད་དང་ས་གཡོས་སོ། །དགུང་ལོ་བཞི་ལོན་ནས་དགེ་སློང་རིན་ཆེན་རྡོ་རྗེ་ལ་ཡི་གེ་སློབ་པས་ཀློག་མཁས་པ

ཤར་འཛམ་ཐང་བ་ངག་དབང༧བློ་བཟང་འཕྲིན་ལས་མཆོག་གི་ལོ་རྒྱུས་ཉུང་བསྡུས།

རྩོམ་པ་པོ། མཆོག་ཚང་ཀ་གནམ།དེ་ཡང་ཇི་སྐད་དུ། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ཞལ་ནས། མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། ཆུ་བོ་་འགྲམ་ལ་སྟེན་པའི་ལུང་བ་རུ། ཨ་མུ་སྐུ་མཆེད་དག་གིས་བསྟན་པ་དར། ཞེས་ལུང་གིས་ཡང་ཡང་བསྔགས་པའི་གནས་མཆོག་ཁྱད་པར་ཅན་ཤར་འཛམ་ཐང་ཆོས་ཀྱི་ཕོ་བྲང་གི་ཉེ་འདབས་སུ། ༡༩༡༧ ལོར་ཡབ་སྐལ་བཟང་དང་ཡུམ་ཡག་ཤུལ་བཟའ་བཀྲ་ཤིས་སྐྱིད་རྣམ་གཉིས་ཀྱི་སྲས་སུ་ངོ་མཚར་བའི

རྗེ་བཙུན་ཏཱ་ར་ནཱ་ཐ།

ཁོང་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་།  པཎྜི་ཏ་གྷ་ཡ་དྷ་ར། གཉོས་ལོ་ཙཱ་བ།  ཁ་རག་སྒོམ་ཆུང་སོགས་སྐྱེས་ཆེན་མང་བོས་བྱིན་གྱིས་རླབས་ཤིང་།  བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་དབུས་གཙང་གཉིས་ཀྱི་མཚམས་ཁ་རག་ཁྱུང་བཙུན་གྱི་གནས་ཇོ་མོ་ཁ་རག་ཅེས་པའི་འདབས།  ཆུ་བོ་ཆེན་པོ་ལོ་ཧི་ཏའི་ཉེ་འགྲམ་དུ་རྭ་ལོ་ཙཱ་བ་ཆེན་པོའི་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལ།  ཤར་ནུབ་གཉིས་

བླ་མ་རིན་པོ་ཆེ་ཀུན་དགའ་ཐུགས་རྗེ་དཔལ་གྱི་རྣམ་ཐར་མདོར་བསྡུས།

རྩོམ་པ་པོ། ཀུན་དགའ་སྲི་གཅོད། སྐུ་ཚེ་གང་བོར་སྒྲུབ་པ་ཉམས་བཞེས་ཀྱི་རྣལ་འབྱོར་བ་ཞིག ཕྲ་འཕྲུལ་གྱི་འཁོར་བའི་ཀློང་དུ། སྣང་བ་མག་མོག་གི་འཇིག་རྟེན་གྱི་གྲུ་ཁར་གཡེང་བའི་ཕྲན་ཁོ་བོའི་གཉུག་སེམས་ཀྱི་ཀློང་དུ། སྐུ་ཚེ་གང་ལ་སྒྲུབ་པ་ལྷུར་བཞེས་མཛད་པའི་རྣལ་འབྱོར་བ་ཞིག་གི་སྐུའི་མཛད་སྤྱོད་དང་། གསུང་གི་འཕྲིན་ལས་སོགས་རྟག་པར་ཡལ་རྒྱུ་མེད་ལ། ལྷག་པར་དེ་རིང་ཁོ་བོའི་སེམས

༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཇོ་ནང་བསྟན་པའི་མངའ་བདག་༧རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་རྣམ་ཐར་བཞུགས།

ན་མོ་གུ་རུ། དེ་ཡང་འཛམ་གླིང་ས་ཡི་ཐིག་ལེ་བསིལ་ལྗོངས་ཁ་བ་རི་བ་འདིར། ཕན་བདེའི་རྩ་ལག་དམ་པ་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་དམ་པ་ཇི་སྙེད་ཅིག་བྱུང་བ་ལས། ཀུན་མཁྱེན་ཇོ་ནང་བའི་བསྟན་པའི་མངའ་བདག་རྗེ་ཡོན་ཏན་བཟང་པོ་ཉིད་མདོ་སྨད་འཛམ་ཐང་དུ་སྤྱི་ལོ་༡༩༢༨རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལ་བལྟམས། དབྱངས་གསལ་ནས་ཆོ་ག་རྣམས་སྦྱངས། བླ་མ་རྡོ་རྗེ་བཟང་པོ་སོགས་ལས་རབ

༄༅།། འདུལ་བ་འཛིན་པ་ཆེན་པོ་རྡོ་རྗེ་སློབ་དཔོན་མཁན་རིན་པོ་ཆེ། ༧ ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ངོ་སྤྲོད་མདོ་ཙམ་བརྗོད་པ།

༊ རྗེ་དམ་པ་འདི་ཉིད་ནི་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བཅུ་བའི་མེ་ཕོ་བྱི་བའི་ལོ། སྤྱི་ལོ།1936 ལོར། མགོ་ལོག་ཨ་སྐྱོང་གི་ཡུལ་སྡེ་ཁང་རྒན་རྒྱ་སྐོར་ཚོ་བའི་ནང་དུ་ནགས་ཀྱི་དཔའ་སྲུང་གི་ཁྱིམ་བརྒྱུད་དུ་ཡབ་མགོ་ལོག་ཀུན་དཔལ་དང༌། ཡུམ་ནགས་བཟའ་མེར་ལོ་གཉིས་ཀྱི་སྲས་སུ་གཟུགས་སྐུའི་མེ་ཏོག་གསར་དུ་འཁྲུངས། དེ་ནས་རིམ་གྱིས་ཀློག་བསླབ་པ་སོགས་ཀྱི་བྱ་བ་རྒྱ་ཆེར་བྱས་ཏེ་ར

ཆེན་པོ་ཧོར་གྱི་བསྟན་པའི་མངའ་བདག་དང་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་བདག་ཆེན་མོ་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་མཆོག་གི་མཛད་རྣམ་བསྡུས་པ།

༄༅།།ཐུགས་བསྐྱེད་དམ་བཅའ་མི་ལྷོད་པར།།གདུལ་བྱའི་ཁམས་དབང་མོས་པ་ལ།།ངེས་དོན་འཁོར་ལོ་ཐ་མ་ཡི།།བསྟན་པའི་རྒྱལ་མཚན་སྲིད་ན་བསྒྲེངས། དམ་པ་ཁོང་ནི་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་ཕྲེང་བཅུ་གཅིག་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་ནས་སྐུ་ཕྲེང་བཅུ་པ་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་ ༡༩༣༢ ལོར་