༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་ཅུང་ཟད་བརྗོད་པ་བཞུགས།
རྩོམ་པ་པོ། དགེ་བཤེས་དངོས་གྲུབ་དཔལ གཉུག་ཁམས་དྭངས་མ་མི་ཤིགས་འོད་གསལ་མདངས། །སྲིད་གཞི་ཀུན་ལ་གདོད་ནས་རྟག་བཞུགས་པ། །རང་རིག་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་ཅན། །སེམས་ཉིད་གདོད་མའི་ཧེ་རུ་ཀ་དཔལ་འདུད། ། བརྒྱད་ཁྲི་བཞི་སྟོང་རྡོ་རྗེ་ཐེག་པའི་ཏོགདུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་འགའ། །གསང་བདག་སྒྲོལ་བའི་མགོན་པོའི་ཞལ་གསུང་བཞིན། །ཅུང་ཟད་ཕྱོགས་གཅིག་བསྡུས་ཏེ་དགོད་པ